
Layjang Bulletin is a periodic magazine published in Tibetan by Tsurphu Labrang, the Office of Administration of the Gyalwang Karmapa. It features His Holiness's activities, teachings, writings, and artwork, and teachings by other eminent lamas in the Kagyu tradition.
此年度刊物是由尊貴的 第十七世大寶法王噶瑪巴辦公室,每年定期以藏文出版發行,詳實紀錄年度弘法利生事業之紀要。書中主要收錄至尊 噶瑪巴之開示教言、法本著作、書信諭令及藝術創作等珍貴內容。

ལས་བྱང་། འདོན་ཐེངས། ༢༡

ལས་བྱང་། འདོན་ཐེངས། ༢༠

ལས་བྱང་། འདོན་ཐེངས། ༡༩

ལས་བྱང་། འདོན་ཐེངས། ༡༨

ལས་བྱང་། འདོན་ཐེངས། ༡༧

ལས་བྱང་། འདོན་ཐེངས། ༡༦

ལས་བྱང་། འདོན་ཐེངས། ༡༥

ལས་བྱང་། འདོན་ཐེངས། ༡༤

ལས་བྱང་། འདོན་ཐེངས། ༡༣

ལས་བྱང་། འདོན་ཐེངས། ༡༢

ལས་བྱང་། འདོན་ཐེངས། ༡༡

ལས་བྱང་། འདོན་ཐེངས། ༡༠

ལས་བྱང་། འདོན་ཐེངས། ༩

ལས་བྱང་། འདོན་ཐེངས། ༨

ལས་བྱང་། འདོན་ཐེངས། ༧

ལས་བྱང་། འདོན་ཐེངས། ༦

ལས་བྱང་། འདོན་ཐེངས། ༥

ལས་བྱང་། འདོན་ཐེངས། ༤

ལས་བྱང་། འདོན་ཐེངས། ༣

ལས་བྱང་། འདོན་ཐེངས། ༢
སྔོན་འགྲོའི་ཞུ་མཆིད།
༄༅། །དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་རང་གཟུགས་ཀརྨ་པ་ཞེས་སྲིད་པ་གསུམ་ན་མཚན་སྙན་གྱི་གདུགས་དཀར་ལྷམ་མེར་གསལ་ཞིང༌། བཀའ་གཏེར་རྒྱུད་ལུང་དུ་མ་ནས་ལུང་གིས་གསལ་བར་བསྟན་ཅིང༌། དེ་ཡང་ཁྲོ་བོ་གནམ་ལྕགས་འབར་བའི་རྒྱུད་ལས། ཡོངས་སུ་དག་པའི་དཀྱིལ་འཁོར་དུ། །ཕྱོགས་བཅུའི་སངས་རྒྱས་གཅིག་བསྡུས་པ། །ཚེ་འདིར་གྲུབ་པ་སྟོན་པའི་ཕྱིར། །ཀ༵རྨ༵་པ༵་ཞེས་ཡོངས་གྲགས་འབྱུང༌། །ཞེས་དང་། ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་གིས། ཨི་ཤྭའི་མིང་ཅན་ཅོ༵ད་པ༵ན་ན༵ག་པོ༵་འཛིན། །མཐའ་དམག་བཟློག་ཅིང་རྒྱལ་བའི་བསྟན་པ་སྤེལ། །དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ཅོད་པན་བཟང་པོ་མཐོན་ཀའི་རྩེར། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང༌། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། ། ཞེས་དང་། རྒྱལ་བས་མདོ་ཏིང་འཛིན་རྒྱལ་པོར། ང་འདས་ལོ་ནི་ཉིས་སྟོང་ན། །གདོང་དམར་ཡུལ་དུ་བསྟན་པ་འབྱུང༌། །སྤྱན་རས་གཟིགས་ཀྱི་གདུལ་བྱར་འགྱུར། །དེ་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེངྒེའི་སྒྲ། །ཀ༵རྨ༵་ཀ༵་ཞེས་བྱ་བ་འབྱུང༌། །ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་ལུང་གིས། དབང་ཆེན་གསུང་སྤྲུལ་རྡོ་རྗེའི་མིང་༔ བྱང་སེམས་བཙུན་པ་ཀ༵ར་ནས་འབྱུང་༔ དང་། མདོ་ལང་གཤེགས་ལས། རབ་བྱུང་ཆས་ལ་ཞྭ༵་ན༵ག་ཅན། །སྟོང་གི་བསྟན་པ་མ་རྫོགས་པར། །འགྲོ་བའི་དོན་ལ་རྒྱུན་ཆད་མེད། ། ཅེས་དང་། དྭངས་སྙིགས་འབྱེད་པའི་མདོ་བསྡུས་ལས། འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན། །ཀ༵རྨ༵་པ༵་ཞེས་བྱ་བ་ཡི། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱུང༌། །ཞྭ༵་ན༵ག་གྱོན་ནས་འགྲོ་བ་འདུལ། །
ཞེས་སོགས་བསླུ་མེད་ཀྱི་ལུང་བསྟན་ལས་སྐྱེས་རབས་ཀྱི་ཕྲེང་བ་རེ་རེ་ནས་ལན་གཅིག་མིན་པར་ཡང་ནས་ཡང་དུ་ལུང་གིས་བསྔགས་པའི་དུས་གསུམ་རྒྱལ་ཀུན་ཕྲིན་ལས་ཀྱི་སྤྱི་གཟུགས་ཞྭ་ནག་མཐོན་མཐིང་གི་ཅོད་པན་འཆང་བ་གངས་རིའི་སྐྱེ་སྤྲུལ་ཐོག་མའི་རྣམ་འཕྲུལ་༸རྒྱལ་དབང་བཅུ་བདུན་པ་དཔལ་ཁྱབ་བདག་རང་བྱུང་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་རྩལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གི་མཛད་འཕྲིན་རྣམས་འདི་ག་མཚུར་སྒར་བླ་བྲང་དཔལ་༸རྒྱལ་དབང་ཀརྨ་པའི་སྤྱི་ལས་ཁང་གི་འཛིན་སྐྱོང་ཁོངས་གཏོགས་ལས་བོད་ཡིག་རྩོམ་སྒྲིག་སྡེ་ཚན་ནས་(ལས་བྱང་)ཞེས་པའི་དུས་དེབ་ལོ་བསྟར་ཆགས་སུ་དད་ལྡན་དོན་གཉེར་ཅན་རྣམས་ལ་གསལ་སྟོན་བྱ་རྒྱུའི་དགོས་དམིགས་གཙོ་བོར་བཟུང་ནས་སྤེལ་མུས་ལགས་ཤིང་། དུས་དེབ་འདིའི་ནང་དུ་༸རྒྱལ་དབང་ཀརྨ་པ་མཆོག་གི་ལོ་རེའི་མཛད་འཕྲིན་རྣམས་རིམ་འགོད་དང་། བཀའ་སློབ། གསུང་རྩོམ། གསུང་འཕྲིན། བཀའ་བརྒྱུད་སྨོན་ལམ། བཀའ་བརྒྱུད་དགུན་ཆོས། འཕགས་མ་བདེ་བྱེད་མའི་དགུན་ཆོས། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྟོན་བཀའ་སློབ་ཇི་བཞུགས་ཕབ་བཤུས་འགོད་སྤེལ་དང་། གཞན་ཡང་རང་རེ་ཀཾ་ཚང་ནང་དུ་བསླབ་པ་བགྲེས་ཤིང་བསྟན་འགྲོའི་མཛད་རྗེས་ཆེ་བའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་སྙིང་བསྡུས་རེའང་དུས་དེབ་འདོན་ཐེངས་སོ་སོའི་མཐར་རིམ་གྱིས་འགོད་སྤེལ་ཞུ་རྒྱུ་ལགས་ན། འདི་གའི་བླ་བྲང་གི་བཀའ་འཁྲོལ་མེད་པར་རྩོམ་ཡིག་ཡོངས་རྫོགས་སམ། བཀའ་སློབ་ཆ་ཤས་ཙམ་ཡང་གང་བྱུང་འགོད་ཐལ་མི་ཆོག་པ་ཞུ། མཁྱེན་ལྡན་གཟུར་གནས་ནས་ལས་བྱང་བོད་ཡིག་དུས་དེབ་ནང་དུ་གནས་ཚུལ་འགོད་སྤེལ་ཐད་ལེགས་སྤེལ་གྱི་དགོངས་འཆར་ཅི་མཆིས་ཀྱི་གསུང་འཕྲིན་དུས་དེབ་འདིའི་མཇུག་གི་ཁ་བྱང་ངམ་གློག་འཕྲིན་ཁ་བྱང་ཐོག་ཏུ་འཛེམས་ཟོན་མེད་པར་ལྷུག་སྩོལ་ཞུ།
ལས་བྱང་རྩོམ་སྒྲིག་པས།









