ལས་བྱང་། འདོན་ཐེངས། ༣
3
ལས་བྱང་། འདོན་ཐེངས། ༣
༢༠༡༡། ༧ – ༢༠༡༡། ༡༢
July – December 2011
  • Image
    ངོ་སྤྲོད་གསེར་གྱི་མེ་ལོང་།
    4 – 7

    བོད་ཀྱི་ཞོ་སྟོན་དུས་ཆེན་ཐེངས་ལྔ་པའི་ཉིན་དང་པོའི་དབུ་འབྱེད་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀརྨ་པ་མཆོག་བོད་མི་རིགས་ཀྱི་བདེན་དོན་ཆེད་ཕེབས་པ་རེད་ཅེས་བཀའ་སློབ་སྩལ། • མཚུར་སྒར་བླ་བྲང་གི་གནད་དོན་དང་འབྲེལ་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་གསལ་བསྒྲགས།

  • Image

    མཛད་འཕྲིན་དུས་ཀ་སྦྲང་ཆར།

    8 – 100

    ཆོས་ཚོགས་ཐེངས་བཅུ་པ་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་ཕོ་བྲང་གི་ཚོམས་ཆེན་ནང་དུ་དབུ་འཛུགས་བསྐྱངས་པ། • རྒྱལ་ཡུམ་བུམ་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བཅོ་ལྔ་པ་འགོ་འཛུགས་ཉིན་ཆིབས་སྒྱུར། • རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༤༩ འཁོར་བའི་དུས་ཆེན་ཐོག་ཆིབས་སྒྱུར། • གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་སྲུང་བརྩིའི་ཉིན་ཆིབས་སྒྱུར། • སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གི་མཛད་རྣམ་དབུ་འབྱེད་དང་དགའ་ལྡན་ཁྲི་ཐོག་༡༠༢ཁྲི་གསོལ་གྱི་མཛད་སྒོར་ཆིབས་སྒྱུར། • བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་བཅུ་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་སྒྱུར། • བོད་ཀྱི་ཞོ་སྟོན་ཐེངས་ ༡༥ པ་སྲུང་བརྩིའི་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར། • གངས་ཅན་བོད་ཀྱི་ལྷན་དྲུབ་དང་འཚེམ་དྲུབ་ཐང་གའི་སྲོལ་རྒྱུན་འགྲེམས་སྟོན་ཉིན་གཉིས་པའི་སྐུ་མགྲོན་དུ་ཆིབས་སྒྱུར། • བཙན་བྱོལ་གྱི་ལོ་ངོ་ ༥༠ འཁོར་བའི་དབྱར་སྐྱིད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར། • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ། • མདོ་སྨད་འབྲུག་ཆུ་རྫོང་དུ་ཆུ་ལོག་གིས་རྐྱེན་འདས་སུ་གྱུར་པའི་བདུན་ཚིགས་གཉིས་པའི་མཆོད་འབུལ་སྨོན་ལམ། • གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་ཆེད་ཚོགས་མཆོད་སྨོན་ལམ། • ཕྱི་ལུགས་དགུང་གྲངས་༢༦བཞེས་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ནས་འཁྲུངས་སྐར་གྱི་བརྟན་བཞུགས། • མཚུར་སྒར་བླ་བྲང་ནས་སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན་རིན་མེད་སྨན་སྦྱིན་དང་བྱིས་སྟོན། • སྨན་ལུགས་གཙང་བྲིས་ཞལ་ཐང་འགྲེམས་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར། • ཨ་རིའི་རྒྱལ་ས་ཝ་ཤིང་ཊྲོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ པ་གསན་བཞེས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན། • བཀའ་ཁྲི་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ལ་དགའ་སྐྱེལ་གྱི་གསོལ་སྟོན་ཉིན་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས། • རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་ཁུངས་ལྟེ་གནས་སུ་ཆིབས་སྒྱུར། • ཨ་རིའི་རླུང་འཕྲིན་ཁང་དུ་ཆིབས་སྒྱུར་དང་ཨ་རིའི་བོད་སྐད་རླུང་འཕྲིན་སྡེ་ཚན་གྱི་དམིགས་བསལ་བཅར་འདྲིར་བཀའ་ལན་སྩལ། • ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་ཆིབས་སྒྱུར་དང་བོད་སྐད་སྡེ་ཚན་གྱི་དམིགས་བསལ་བཅར་འདྲིར་བཀའ་ལན། • དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་བྱང་ཨ་རིའི་ཀརྨ་ཐེག་གསུམ་ཆོས་གླིང་དུ་ཕྱིར་ཕེབས། • དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་ནས་བྱང་ཨ་རིའི་ཀརྨ་ཐེག་གསུམ་ཆོས་གླིང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན། • དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་ཀརྨ་ཐེག་གསུམ་ཆོས་གླིང་དུ་ཤཱཀྱ་ཐུབ་པའི་བསྒོམ་ལུང་གི་གསུང་ཆོས་སྩལ་བ། • དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནེའུ་འཇར་སི་ཀརྨ་ཐེག་ཆེན་ཆོས་གླིང་དུ་ཆིབས་སྒྱུར་དང་ཆོས་འབྲེལ། • ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ནིའུ་ཡོཀ་གི་ Riverside Church ཡེ་ཤུ་ལྷ་ཁང་ཆེན་མོའི་ནང་བོད་རིགས་མང་ཚོགས་དང་ཧི་མ་ལ་ཡའི་རི་རྒྱུད། དད་ལྡན་ཕྱི་རྒྱལ་དང་རྒྱ་རིགས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་བཀའ་སློབ་སྩལ། • ཨ་རིའི་ནིའུ་ཡོཀ་ Hunter College, NYC མཐོ་སློབ་ཀྱི་ཚོགས་ཁང་དུ་སྙིང་རྗེ་དང་སེམས་ཀྱི་གནས་ལུགས་ཞེས་པའི་བརྗོད་གཞིའི་ཐོག་ནང་ཆོས་ངོ་སྤྲོད། • ༢༠༡༡།༧།༣༠ ཉིན་བཞུགས་གནས་གསོལ་མགྲོན་ཁང་དུ་རྒྱ་གར་གྱི་གསར་འགོད་པ་གཙོས་པའི་གསར་འགོད་པ་ཁག་ཅིག་གི་བཅར་འདྲིར་བཀའ་ལན། • བཀའ་ཁྲི་སྐབས་གསུམ་པའི་ཁྲི་འདོན་གྱི་མཛད་སྒོར་ཆིབས་སྒྱུར། • རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུའི་ཆེད་མཆོད་འབུལ་སྨོན་ལམ། • བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་ལྷན་བཞུགས་ཀྱི་མཆོད་འབུལ་སྨོན་ལམ། • སེམས་དང་སྲོག་གི་ཚན་རིག་ལྷན་ཚོགས་ཐེངས་ ༢༣ པ་དབུ་འཛུགས་བསྐྱངས་པ། • ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་སྤྱི་གཉིས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ། • རྡོར་རྗེ་གདན་མཆོད་འབུལ་དང་བཀའ་བརྒྱུད་སྨོན་ལམ་ཐེངས་ ༢༩ པའི་ཚོགས་འདུ་དང་ཝཱ་ཎའི་གནས་གཟིགས། • དིལླཱིའི་ Asoka Mission ཆོས་ཚོགས་ནས་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར། • ༢༠༡༡ ཟླ་ ༡༡ ཚེས་ ༣༠ ཉིན་དིལླཱི་ཨ་ཤོཀ་མི་ཤོན་Asoka Mission ཆོས་ཚོགས་ཀྱི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོ། • རྒྱལ་ས་དིལླཱིར་དཔལ་ལྡན་དུས་གསུམ་མཁྱེན་པ་སྐུ་བལྟམས་ནས་ལོ་ངོ་དགུ་བརྒྱ་ཧྲིལ་པོར་འཁོར་བའི་རྗེས་དྲན་གྱི་མཛད་སྒོར་ཆིབས་སྒྱུར་དང་གསུང་ཆོས་སྩལ་བ། • ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ཉིན་གཉིས་པར་གནའ་དུས་ཀྱི་ཤེས་རབ་དང་། དེང་དུས་ཀྱི་འཛམ་གླིང་ཞེས་པའི་བརྗོད་གཞིའི་ཐོག་གསུང་ཆོས་སྩལ་བ། • རྒྱལ་ས་དིལླཱིའི་སངས་རྒྱས་རྗེས་དྲན་གྱི་གླིང་གའི་ནང་དུ་དད་ལྡན་སློབ་ཚོགས་སྟོང་ཚོར་ཚེ་དབང་སྩལ་བ། • རྒྱལ་ས་དིལླཱིའི་ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ཆོས་འབྲེལ་ཁག་ལེགས་པར་གྲུབ་སྟེ་ཝཱ་རཱ་ཎ་སཱིར་ཆིབས་སྒྱུར།

  • Image

    བཀའ་སློབ་གསེར་གྱི་ཐུར་མ།

    101 – 103

    དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་ཞོ་སྟོན་ཐེངས་དགུ་པའི་མཇུག་སྡོམ་ཉིན་སྩལ་བའི་བཀའ་སློབ། • ༸རྒྱལ་དབང་ཀརྨ་པ་མཆོག་གིས་མི་མང་ལ་སྩལ་བའི་བཀའ་སློབ།

  • Image
    གསུང་འཕྲིན་ཡིད་ཀྱི་གསོས་སྨན།
    104 – 110

    དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་གིས་ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༢༧ ཉིན་རྒྱུད་སྟོད་གཙུག་ལག་ཁང་དུ་རྒྱ་གར་དུ་བཙན་བྱོལ་དུ་ཡོང་བ་ནི་རང་ཐག་རང་གཅོད་ཀྱི་ཐག་གཅོད་ཡིན་ཞེས་གསར་འགོད་གསལ་བསྒྲགས་ཐོག་མ་དེ་སྩལ། • ཀརྨའི་སྒར་ཆེན་བདེན་ཚོགས་སུ་སྩལ་བ། • པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མཆོག་གི་སྐུའི་འཁྲུངས་སྐར་ཉིན་སྩལ་བ། • དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་འབྲས་ལྗོངས་མངའ་ཁུལ་དང་བཅས་པར་ཐུགས་གསོའི་གསུང་འཕྲིན། • སྟོང་ལོའི་ལོ་གསར་པའི་གསུང་འཕྲིན།

  • Image
    གསུང་རྩོམ་མུ་ཏིག་ཕྲེང་བ།
    111 – 113

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་ལ་བསྟོད་པ་ཆུ་འཛིན་པདྨོའི་བཞད་སྒྲ། • དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་སྐྱབས་རྗེ་འབྲོང་སྤྲུལ་བསྟན་དགའ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཀརྨ་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་མཆོག་ལ་སྩལ་བ།